广大交通参与者:
为深入推进事故预防“减量控大”专项工作,有效提升道路交通安全管理水平与通行保障能力,全力营造安全、有序、畅通的道路交通环境,根据《中华人民共和国道路交通安全法》《中华人民共和国道路交通安全法实施条例》等相关法律法规,将在那曲市范围内开展秋冬季交通安全百日整治行动。现通告如下:
一、整治时间
即日起至2026年年初,为期100天。
二、整治重点
(一)对城区道路。严查压占人行横道、网状线、占用消防通道以及法律法规规定其他禁止停车路段的违法停车行为。严查不按车位停放、逆向停放、未按导向箭头停放、闯红灯、随意变更车道、未礼让斑马线行为。严查大中型货车、农用车、拖拉机进入限制通行区域等违法行为。严查摩托车、电动车无牌无证、逾期未检验、乱停乱放,闯红灯、逆向行驶、不按规定车道行驶,骑乘人员不戴安全头盔,违法载人、载物,老年代步车违法上路等违法行为。严查出租车在路口或占用行车道随意停车上下乘客,行经人行横道不礼让行人,在严管路段或禁停路段违法停车、随意掉头、违法超车、强行加塞、逆向行驶、接打电话等违法行为。严查行人横穿马路、闯红灯、翻越护栏等不文明行为。
(二)对国省道路。严查无证驾驶、疲劳驾驶、超速行驶、随意占道停车、货车超载超限、非法改装。严查客车、面包车超员,非法营运、机动车无牌行驶、套用伪造变造号牌、车辆逾期未检验、达到报废标准仍上路行驶、不按规定车道行驶、逆向行驶、驾乘人员不规范使用安全带等危及安全的违法行为。严查“两客一危一货”车辆超速、超载、超员、疲劳驾驶以及危险货物运输车违反禁限行规定通行的行为。
(三)对高速公路。严查超速行驶、无证驾驶,以及违法占用应急车道、不按规定车道行驶、违法停车,以及货运车辆长时间占用快车道等行为。
(四)对农村道路。严查摩托车、电动车未按规定佩戴安全头盔,机动车逾期未年检、未报废,载货汽车或三轮电动车超限超载,以及违法载人等违法行为。
三、整治措施
(一)采用“线上+线下”联动机制,依托缉查布控系统实现违法车辆精准预警、定位与拦截,同步启用电子警察抓拍设备强化非现场执法。
(二)对违反本通告列入重点整治的交通违法行为,那曲市公安交管部门将依据《中华人民共和国道路交通安全法》《中华人民共和国道路交通安全法实施条例》等法律法规采取教育引导、曝光警示、现场处罚、设备抓拍、强制拖移等手段进行集中整治。
(三)对拒绝、抗拒、辱骂和阻碍人民警察执行任务的,依据《中华人民共和国治安管理处罚法》予以处罚,构成犯罪的,依法追究刑事责任。
(四)对党政机关、企事业单位工作人员的交通违法行为,在依法查处的同时向纪检监察部门抄送,对出租车等营运车辆的交通违法行为,抄告交通运输部门;对快递行业从业者、外卖配送车辆的交通违法行为,抄告相关企业部门。
请广大交通参与者自觉遵守法律法规,积极参与、配合秋冬季交通安全百日整治行动,增强安全意识、文明意识,自觉抵制各类交通违法行为,共同营造安全畅通、文明有序的道路交通环境。
特此通告。
那曲市公安局交通管理支队
2025年10月11日
ནག་ཆུ་གྲོང་ཁྱེར་སྟོན་དུས་དང་དགུན་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་བརྒྱའི་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་གསལ་བརྡ།
རྒྱ་ཆེའི་ཁ་ལོ་བ་རྣམ་པ།
དོན་རྐྱེན་སྔོན་འགོག་བྱེད་པའི་གྲངས་ཚད་ཉུང་དུ་གཏོང་ནས་དོན་རྐྱེན་ཚོད་འཛིན་ཆེད་དོན་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་འགྲིམ་འགྲུལ་བདེ་འཇགས་དོ་དམ་ཆུ་ཚད་དང་ཚོད་འཛིན།འགྲིམ་འགྲུལ་འགན་སྲུང་ནུས་པ་ནུས་ལྡན་ངང་མཐོ་རུ་བཏང་སྟེ།བདེ་འཇགས་དང་གོ་རིམ་ལྡན་པ།ཤར་གཏོང་བཅས་ཀྱི་བགྲོད་ལམ་འགྲིམ་འགྲུལ་ཁོར་ཡུག་ནུས་ཤུགས་ཡོད་རྒུས་སྐྲུན་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》སོགས་འབྲེལ་ཡོད་ཁྲིམས་ལུགས་གཞིར་བཟུང་ནག་ཆུ་གྲོང་ཁྱེར་གྱི་ཁྱབ་ཁོངས་ནང་དུ་སྟོན་དུས་དང་དགུན་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་བརྒྱའི་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུ།གསལ་བརྡའི་གནད་དོན་གཤམ་གསལ།
གཅིགབཅོས་སྒྲིག་བྱེད་པའི་དུས་ཚོད་
དེ་རིང་ནས་2026ལོའི་ལོ་འགོ་བར་དུ་དུས་ཡུན་ཉིན་100ཡིན།
གཉིས།བཅོས་སྒྲིག་གནད་དོན།
དང་པོ།གྲོང་ཁུལ་གྱི་བགྲོད་ལམ།རྐང་ཐང་འཕྲེད་ལམ་དང་དྲ་དབྱིབས་སྐུད་རིམ།མེ་གསོད་བགྲོད་ལམ་སོགས་བེད་སྤྱོད་བྱེད་པ་དང་དེ་བཞིན་ཁྲིམས་ལུགས་དང་སྒྲིག་སྲོལ་ནང་གཏན་འབེབས་བྱས་པའི་རླངས་འཁོར་འཇོག་མི་ཆོག་པའི་ལམ་བཅས་ལ་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ལ་ཞིབ་བཤེར་ནན་པོ་བྱེད་རྒྱུ་དང་།ཁ་ཕྱོགས་ལྡོག་སྟེ་འཇོག་པ་དང་ཕྱོགས་སྟོན་ཁ་ཕྱོགས་ལྟར་མི་འཇོག་པ།གློག་བརྡ་དམར་པོར་བརྒལ་བ།གང་འདོད་དུ་རླངས་འཁོར་ཁ་ཕྱོགས་བསྒྱུར་བ།མི་བགྲོད་ཐིག་ཐོག་ཏུ་མི་སྔོན་དུ་འགྲོ་བསྐྱོད་བྱེད་དུ་མི་འཇུག་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ལ་ཞིབ་བཤེར་ནན་པོ་བྱེད་རྒྱུ།ཟོག་འདྲེན་རླངས་འཁོར་ཆེ་འབྲིང་རིགས་དང་ཞིང་སྤྱོད་འཁོར་རིགས།འདྲུད་འཐེན་འཕྲུལ་འཁོར་བཅས་འགྲོ་སྐྱོད་ཚོད་འཛིན་བྱེད་པའི་ས་ཁོངས་སུ་འགྲོ་འོང་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ལ་ཞིབ་བཤེར་ནན་པོ་བྱེད་རྒྱུ།སྦག་སྦག་དང་གློག་སྒུལ་འཁོར་རིགས་ལག་ཁྱེར་མེད་པ་དང་འཁོར་རིགས་ཨང་རྟགས་མེད་པའི་རིགས་དང་དུས་ཡུན་ལས་བརྒལ་ནས་ཞིབ་དཔྱོད་མ་བྱས་པའི་རིགས།གང་བྱུང་དུ་འཁོར་རིགས་ཁ་འགོག་བྱེད་པའི་རིགས།གློག་བརྡ་དམར་པོར་བརྒལ་བའི་རིགས།ཁ་ཕྱོགས་ལྡོག་ཕྱོགས་སུ་འཇོག་པའི་རིགས།གཏན་འབེབས་ལྟར་འཁོར་ལམ་དུ་མི་བསྐྱོད་པ་དང་བདེ་འཇགས་ཀྱི་སྦག་ཞྭ་མི་གྱོན་པའི་རིགས།ཁྲིམས་འགལ་གྱིས་མི་དང་དངོས་པོ་བླུག་པའི་རིགས།རྒན་རྒོན་གྱི་འགྲུལ་འཁོར་ཁྲིམས་འགལ་གྱིས་ལམ་དུ་བསྐྱོད་པའི་རིགས་བཅས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ལ་ཞིབ་བཤེར་ནན་པོ་བྱེད་རྒྱུ།བོགས་གཏོང་རླངས་འཁོར་གྱིས་ལམ་མདོ་སམ་ཡང་ན་མི་བགྲོད་ཐིག་ཐོག་ལ་འཁོར་རིགས་ཁ་འགོག་ནས་འགྲུད་པ་བླུག་པའི་རིགས་དང་མི་བགྲོད་ཐིག་ཐོག་ལ་མི་སྔོན་དུ་འགྲོ་བསྐྱོད་བྱེད་དུ་མི་འཇུག་པ་རིགས།དོ་དམ་བྱེད་པའི་ལམ་ཐོག་གམ་ཡང་ན་རླངས་འཁོར་འཇོག་མི་ཆོག་པའི་ལམ་དུ་རླངས་འཁོར་ཁ་བཀག་པ་དང་ཁ་ཕྱོགས་བསྒྱུར་བ།མྱུལ་ཚད་བརྒལ་བ།བཙན་ཤེད་ཀྱིས་འགྲུད་པ་བླུག་པ།ལམ་ཕྱོགས་ལྡོག་ནས་བསྐྱོད་པ།རླངས་འཁོར་གཏོང་ནས་ལག་ཐོག་ཁ་པར་བེད་སྤྱོད་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ལ་ཞིབ་བཤེར་ནན་པོ་བྱེད་རྒྱུ།རྐང་ཐང་བསྐྱོད་མཁན་རྣམས་ཀྱིས་གང་འདོད་དུ་གཞུལ་བརྒལ་བ་དང་གློག་བརྡ་དམར་པོར་བརྒལ་བ།འགོག་སྲུང་བརྒལ་བ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ལ་ཞིབ་བཤེར་ནན་པོ་བྱེད་རྒྱུ།
གཉིས་པ།རྒྱལ་ཁབ་དང་ཞིང་ཆེན་གྱི་བགྲོད་ལམ།ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་དང་དལ་དུབ་ངང་རླངས་འཁོར་གཏོང་བ།མྱུད་ཚད་ལས་བརྒལ་ནས་རླངས་འཁོར་གཏོང་བ།གང་འདོད་དུ་ལམ་ཟུར་དུ་རླངས་འཁོར་འཇོག་པ།ཟོག་འདྲེན་རླངས་འཁོར་གྱི་ཐེག་ཚད་ལས་བརྒལ་བ་དང་ཁྲིམས་འགལ་གྱིས་རླངས་འཁོར་ལ་བསྒྱུར་བཟོ་བཅས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་རྒྱུ་དང་།འགྲུལ་སྐྱེལ་རླངས་འཁོར་དང་འགྲུད་སྐྱེལ་རླངས་འཁོར་གྱི་མི་གྲངས་ལས་བརྒལ་བ་དང་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པ།འཁོར་རིགས་ཀྱི་ཨང་རྟགས་མེད་པ་དང་ཨང་རྟགས་རྫུན་བཟོ།རླངས་འཁོར་བསྒྱུར་བཟོ།རླངས་འཁོར་དུས་ཡུན་ལས་བརྒལ་ནས་ཞིབ་དཔྱོད་མ་བྱས་པ།བེད་མེད་གཏོང་བའི་ཚད་གཞིར་སླེབས་ཀྱང་ལམ་དུ་བསྐྱོད་པ།གཏན་འབེབས་ལྟར་རླངས་འཁོར་ལམ་དུ་མི་བསྐྱོད་པ།ཁ་ཕྱོགས་ལྡོག་ནས་བསྐྱོད་པ།ཁ་ལོ་བ་དང་འགྲུལ་པ་རྣམས་ཀྱིས་བདེ་འཇགས་ཐག་པ་མི་འདོགས་པ་སོགས་ཉེན་ཁ་ཐེབས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་རྒྱུ།འགྲུལ་པ་གཉིས་ལ་ཉེན་ཁ་གཅིག་བཅས་པ་ལྟར་རླངས་འཁོར་གྱི་མྱུར་ཚད་ལས་བརྒལ་བ་དང་།ཐེག་ཚད་ལས་བརྒལ་བ།མི་གྲངས་ལས་བརྒལ་བ།ངལ་དུབ་ངང་རླངས་འཁོར་གཏོང་བ།དེ་བཞིན་ཉེན་ཁ་ཆེ་བའི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་འགྲོ་བསྐྱོད་ཀྱི་བཀག་འགོག་ཚོད་འཛིན་གྱི་གཏན་འབེབས་དང་འགལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་རྒྱུ།
གསུམ་པ།མྱུར་བགྲོད་གཞུང་ལམ།མྱུར་ཚད་ལས་བརྒལ་ནས་བགྲོད་པ་དང་།ལག་ཁྱེར་མེད་པར་བགྲོད་པ་དང་དེ་བཞིན་འཕྲལ་སྡོམ་འཁོར་ལམ་ཁྲིམས་འགལ་གྱིས་བཟུང་སྤྱོད་བྱེད་པ་དང་།གཏན་འབེབས་ལྟར་བགྲོད་ལམ་འགྲོ་བསྐྱོད་མ་བྱེད་པ།ཁྲིམས་འགལ་གྱིས་རླངས་འཁོར་འཇོག་པ་བཅས་དང་དེ་བཞིན་ཟོག་འདྲེན་རླངས་འཁོར་གྱིས་དུས་ཡུན་རིང་པོར་མགྱོགས་མྱུར་འཁོར་ལམ་བཟུང་སྤྱོད་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་དགོས།
བཞི་པ།གྲོང་གསེབ་ཀྱི་བགྲོད་ལམ།སྦག་སྦག་དང་གློག་སྒུལ་འཕྲུལ་འཁོར་གྱིས་གཏན་འབེབས་ལྟར་བདེ་འཇགས་ཀྱི་སྦག་ཞྭ་མི་གྱོན་པ་དང་།འཕྲུལ་སྒུལ་འཕྲུལ་འཁོར་དུས་ཡུན་ལས་བརྒལ་ནས་ལོ་རེའི་ཞིབ་དཔྱོད་མ་བྱས་པ་དང་བེད་མེད་གཏོང་བའི་ཚད་གཞིར་སླེབས་ཀྱང་ལམ་དུ་བསྐྱོད་པ།ཟོག་འདྲེན་རླངས་འཁོར་སམ་ཡང་ན་འཁོར་གསུམ་གློག་སྒུལ་རླངས་འཁོར་ཚད་བཀག་ལས་བརྒལ་ནས་ཐེག་ཚད་ལས་བརྒལ་བ།དེ་བཞིན་ཁྲིམས་འགལ་གྱིས་མི་སྡོད་སོགས་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་དགོས།
གསུམ།བཅོས་སྒྲིག་བྱ་ཐབས།
དང་པོ།དྲ་ཐོག་དང་ཡུལ་དངོས་མཉམ་འགུལ་ལམ་སྲོལ་ལག་བསྟར་བྱས་ཏེ།འཛིན་བཟུང་དང་ཚོད་འཛིན་མ་ལག་ལ་བརྟེན་ནས་ཁྲིམས་འགལ་བྱ་སྤྱོད་ཡོད་པའི་རླངས་འཁོར་ལ་གནད་འཁེལ་གྱི་ཉེན་བརྡ་གཏོང་བ་དང་།གནས་འཇོག་དང་བཀག་འགོག་བཅས་བྱེད་པ་དང་དེ་བཞིན་གློག་རྡུལ་ཉེན་རྟོག་སྒྲིག་ཆས་བེད་སྤྱོད་ཀྱིས་ཁྲིམས་འགལ་བྱ་སྤྱོད་རིགས་ལ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།
གཉིས་པ།གསལ་བརྡའི་གནད་དོན་ལས་འགལ་ནས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བཅོས་སྒྲིག་བྱེད་པའི་རིགས་ལ་ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》སོགས་ཁྲིམས་སྲོལ་གཞིར་བཟུང་སློབ་གསོ་དང་དམར་འདོན་ཉེན་བརྡ་གཏོང་བ།ལས་ཡུལ་དངོས་ལ་ཆད་གཅོད་བྱེད་པ།སྒྲིག་ཆས་བེད་སྤྱོད་བྱས་ནས་ཁྲིམས་ལྟར་བཅོས་སྒྲིག་བྱེད་རྒྱུ།
གསུམ་པ།མི་དམངས་ཉེན་རྟོག་པས་ལས་འགན་སྒྲུབ་པར་དང་ལེན་མི་བྱེད་པ་དང་བཀག་འགོག་བྱེད་པ་བཅས་ལ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་》གཞིར་བཟུང་ཆད་གཅོད་བྱ་རྒྱུ་དང་།ཉེས་གསོག་གྲུབ་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱེད་རྒྱུ།
བཞི་པ།ཏང་སྲིད་ལས་ཁུངས་དང་ཁེ་ལས་སོགས་ཀྱི་ལས་བྱེད་མི་སྣས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་བྱེད་རྒྱུ་མ་ཟད་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་ལ་གནད་དོན་སྙན་ཞུ་བྱེད་རྒྱུ།བོགས་གཏོང་རླངས་འཁོར་སོགས་སྐྱེལ་འདྲེན་རླངས་འཁོར་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ལ་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་ལ་སྙན་ཞུ་བྱེད་རྒྱུ།མྱུར་སྐྱེལ་ལས་རིགས་དང་ཕྱི་ཚོང་སྡེབ་སྐྱེལ་རླངས་འཁོར་སོགས་ནས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ལ་འབྲེལ་ཡོད་ཁེ་ལས་སྡེ་ཚན་ལ་སྙན་ཞུ་བྱེད་རྒྱུ།
རྒྱ་ཆེའི་ཁ་ལོ་བ་རྣམས་ཀྱིས་རང་རྟོགས་ངང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ཏེ་སྟོན་དུས་དང་དགུན་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་བརྒྱའི་བཅོས་སྒྲིག་བྱ་སྤྱོད་ནང་ཧུར་ཐག་ཞུགས་པ་དང་བཞོགས་འདེགས་བྱས་ཏེ།བདེ་འཇགས་ཀྱི་འདུ་ཤེས་དང་ཤེས་དཔལ་གྱི་འདུ་ཤེས་ཆེ་རུ་བཏང་ཐོགའགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ལ་སྔོན་འགོག་བྱས་ཏེ་བདེ་འཇགས་དང་དཔལ་ཡོན།གོ་རིམ་དང་ལྡན་པའི་འགྲིམ་འགྲུལ་ཁོར་ཡུག་གསར་པ་གཏོད་དགོས།
ཆེད་དམིགས་གསལ་བརྡ།
ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་དོ་དམ་ཡན་ལག་རུ་ཁག
2025ལོའི་ཟླ་10པའི་ཚེས་11ཉིན།