网站支持IPV6

当前位置: 首页 > 新闻中心 > 通告公示

巡视公告~

来源:网信色尼 访问量: 发布日期:2025-05-06 10:17
字号:

自治区党委第一巡视组巡视那曲市

བོད་རང་སྐྱོང་ལྗོངས་ཏང་ཨུད་སྐོར་ཞིབ་ཙུའུ་དང་པོས་ནག་ཆུ་གྲོང་ཁྱེར་ལ་སྐོར་ཞིབ་བྱེད་པའི་

联系箱

འབྲེལ་གཏུག་སྒམ།

联系电话0896-3334677

འབྲེལ་གཏུག་ཁ་པར།0896-3334677

巡视邮政信箱

སྐོར་ཞིབ་སྦྲག་སྲིད་ཡིག་སྒམ།

那曲市A0100号邮政信箱

ནག་ཆུ་གྲོང་ཁྱེར་སྦྲག་སྲིད་ཡིག་སྒམ་ཨང་A0100

电话受理时间

ཁ་པར་ཐོག་ནས་བདག་སྤྲོད་བྱེད་པའི་དུས་ཚོད།

上午9:30-12:30

ཞོགས་པའི་ཆུ་ཚོད9:30-12:30

下午15:30-18:30

ཕྱི་དྲོའི་ཆུ་ཚོད15:30-18:30

巡视公告

根据十届自治区党委第七轮巡视工作安排,自治区党委第一巡视组自2025年4月27日至6月20日对那曲市开展巡视。

根据《中国共产党巡视工作条例》,自治区党委巡视组监督主要内容是:按照政治巡视要求,重点检查落实党的路线方针政策、党中央重大决策部署和自治区党委工作安排情况,落实全面从严治党战略部署情况,落实新时代党的组织路线情况,落实巡视整改和成果运用情况,聚焦那曲市领导班子和领导干部,深入查找贯彻落实中的责任问题、腐败问题、作风问题,查找形式主义、官僚主义突出问题,查找与群众利益密切相关的痛点难点问题,推动解决制约改革发展稳定的普遍性、共性问题和深层次问题。

信访受理范围:反映那曲市领导班子及其成员,特别是主要负责人,下一级主要负责人以及重要岗位领导干部问题的来信来电来访,重点是关于违反政治纪律、中央八项规定及其实施细则精神、组织纪律、廉洁纪律、群众纪律、工作纪律和生活纪律等问题反映。其他不属于巡视受理范围的问题反映,将按规定交由相关部门处理。巡视期间,设专门值班电话:0896-3334677,时间为上午9:30至12:30,下午15:30至18:30。设专门邮政信箱:那曲市A0100号邮政信箱。

在党政会议中心门口、市政协大门口、市人大门口、生态长廊、色尼东苑小区院内、浙江小区大门出口左侧、互惠互利超市右侧门口设置联系信箱。同时,在那曲市信访局来访接待中心设立专门的巡视接访窗口。

巡视组受理信访截止时间为2025年6月15日。欢迎广大党员、干部、群众来信来电来访,反映问题、提供线索。

特此公告!

西藏自治区党委第一巡视组

2025年5月2日

སྐོར་ཞིབ་སྤྱི་བསྒྲགས།

རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་བདུན་པའི་སྐོར་ཞིབ་ལས་ཀའི་བཀོད་སྒྲིག་གཞིར་བཟུང་།རང་སྐྱོང་ལྗོངས་ཏང་ཨུད་སྐོར་ཞིབ་ཙུའུ་དང་པོས་2025ལོའི་ཟླ་4པའི་ཚེས་27ནས་ཟླ་6པའི་ཚེས་20ཉིན་བར་ནག་ཆུ་གྲོང་ཁྱེར་ལ་སྐོར་ཞིབ་བྱ་རྒྱུ་ཡིན།

《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་ལས་དོན་སྲོལ་ཡིག》གཞིར་བཟུང་།རང་སྐྱོང་ལྗོངས་ཏང་ཨུད་སྐོར་ཞིབ་ཙུའུ་ཡིས་ལྟ་སྐུལ་བྱ་རྒྱུའི་ནང་དོན་གཙོ་བོ་ནི།ཆབ་སྲིད་སྐོར་ཞིབ་ཀྱི་བླང་བྱ་ལྟར།ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས།ཏང་ཀྲུང་དབྱང་གི་གལ་ཆེའི་ཐབས་ཇུས་བཀོད་སྒྲིགརང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་བཅས་དོན་འཁྱོལ་བྱས་ཚུལ་དང་།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ།དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་བྱས་ཚུལ།སྐོར་ཞིབ་བྱས་ནས་བཅོས་སྒྲིག་དང་གྲུབ་འབྲས་དངོས་སྒྱུར་བྱས་ཚུལ་བཅས་ལ་གཙོ་གནད་དུ་ཞིབ་བཤེར་བྱ་རྒྱུ་དང་།ནག་ཆུ་གྲོང་ཁྱེར་གྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་དམིགས་ཏེ།ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་འགན་འཁྲིའི་གནད་དོན་དང་།རུལ་སུངས་ཀྱི་གནད་དོན།སྤྱོད་ཚུལ་གྱི་གནད་དོན་བཅས་དང་།དེ་བཞིན་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འབུར་ཐོན་གནད་དོན།མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་འགག་གནད་དང་དཀའ་གནད་བཅས་འཚོལ་ཞིབ་གཏིང་ཟབ་བྱས་ནས།བསྒྱུར་འཕེལ་བརྟན་གསུམ་ལ་ཚོད་འཛིན་ཐེབས་པའི་ཡོངས་ཁྱབ་རང་བཞིན་དང་།ཐུན་མོང་རང་བཞིན།གདིང་རྩ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན།

ཡིག་འབུལ་ཞུ་བཅར་བདག་སྤྲོད་བྱེད་པའི་ཁྱབ་ཁོངས་ནི།ནག་ཆུ་གྲོང་ཁྱེར་གྱི་འགོ་ཁྲིད་ཚན་ཁག་དང་དེ་བཞིན་ཁོངས་མི།ལྷག་པར་དུ་འགན་ཁུར་བ་གཙོ་བོ་དང་།རིམ་པ་གཅིག་གིས་དམའ་བའི་འགན་འཁུར་བ་གཙོ་བོ།དེ་བཞིན་གལ་ཆེའི་ལས་གནས་ཐོག་གི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་གནད་དོན་སྐོར་ཞུ་བའི་འཕྲིན་ཡིག་དང་།ཁ་པར།ངོ་བཅར་བཅས་དང་།གཙོ་གནད་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན།རྩ་འཛུགས་ཀྱི་སྒྲིག་ཁྲིམས།སྤྱོད་གཙང་གི་སྒྲིག་ཁྲིམས།མང་ཚོགས་ཀྱི་སྒྲིག་ཁྲིམས།ལས་ཀའི་སྒྲིག་ཁྲིམས།འཚོ་བའི་སྒྲིག་ཁྲིམས་སོགས་དང་འགལ་བའི་གནད་དོན་སྐོར་ཞུ་རིགས་བདག་སྤྲོད་བྱ་རྒྱུ་དང་།སྐོར་ཞིབ་བདག་སྤྲོད་བྱེད་ཁོངས་སུ་མ་གཏོགས་པའི་གནད་དོན་གཞན་དག་རིགས་ཡིན་ཚེ།གཏན་འབེབས་གཞིར་བཟུང་འབྲེལ་ཡོད་སྡེ་ཚན་ལ་ཐག་གཅོད་བྱེད་པར་རྩིས་སྤྲོད་བྱ་རྒྱུ་ཡིན།སྐོར་ཞིབ་བྱེད་རིང་།སྐོར་ཞིབ་ཙུའུ་ཡི་ཆེད་བཙུགས་སྡོད་བྱའི་ཁ་པར་ནི་0896-3334677ཡིན་པ་དང་།དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་9:30ནས་12:30བར་ཡིན་པ་དང་།ཕྱི་དྲོའི་ཆུ་ཚོད་15:30ནས་18:30བར་ཡིན།ཆེད་བཙུགས་སྦྲག་སྲིད་ཡིག་སྒམ་ནི་ནག་ཆུ་གྲོང་ཁྱེར་སྦྲག་སྲིད་ཡིག་སྒམ་ཨང་A0100ཡིན།ཏང་སྲིད་གྲོས་ཚོགས་ལྟེ་གནས་ཀྱི་སྒོ་ཁ་དང་།གྲོང་ཁྱེར་སྲིད་གྲོས་ཀྱི་སྒོ་ཁ།གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་སྒོ་ཁ།སྐྱེ་ཁམས་ཁྱམས་རིང་།གསེར་རྙེད་ཆུས་ཏུང་ཡོན་སྡེ་ཁུལ་སྒོ་རའི་ནང་དང་།ཀྲེ་ཅང་གཞིས་ཁུལ་སྒོ་ཆེན་ཐོན་སྒོའི་གཡོན་ཕྱོགས།གཉིས་ཕན་སྒོ་རྩིས་ཚོང་ཁང་གཡས་ཕྱོགས་སྒོ་འགྲམ་འབྲེལ་གཏུག་ཡིག་སྒམ་བཙུགས་ཡོད།དེ་དང་དུས་མཚུངས་སུ་ནག་ཆུ་གྲོང་ཁྱེར་ཡིག་འབུལ་ཞུ་བཅར་ཅུད་ཀྱི་ཞུ་བཅར་བདག་སྤྲོད་ལྟེ་གནས་སུ་ཆེད་མངགས་སྐོར་ཞིབ་ཞུ་ཉན་སྐར་ཁུང་བཙུགས་ཡོད།

སྐོར་ཞིབ་ཙུའུ་ཡིས་ཡིག་འབུལ་ཞུ་བཅར་བདག་སྤྲོད་བྱེད་མཚམས་འཇོག་པའི་དུས་ཚོད་ནི་2025ལོའི་ཟླ་6པའི་ཚེས་15ཉིན་ཡིན།རྒྱ་ཆེའི་ཏང་ཡོན་དང་།ལས་བྱེད་པ།མང་ཚོགས་བཅས་ཀྱིས་འཕྲིན་ཡིག་དང་།ཁ་པར།ངོ་བཅར་བཅས་ཀྱི་ཐོག་ནས་གནད་དོན་ཞུ་བ་དང་ཁུངས་སྣེ་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

ཆེད་དོན་སྤྱི་བསྒྲགས།

བོད་རང་སྐྱོང་ལྗོངས་ཏང་ཨུད་སྐོར་ཞིབ་ཙུའུ་དང་པོ།

2025ལོའི་ཟླ་5པའི་ཚེས་2ཉིན།

责任编辑:王艺华
扫一扫在手机打开当前页
    • 上一篇:
    • 下一篇: